གཉའ་ཁྲི་བཙན་པོ།
༧༠༽ སྲས་ཤ་ཁྲི་ཀོང་པོའི་རྗེ་བོ་དང༌། སྲས་བྱ་ཁྲི་སྤུ་བོའི་རྗེ་བོ། སྲས་ཉ་ཁྲི་ཉང་པོའི་རྗེ་བོར་བཀུར་ནས་རྒྱལ་སྲིད་ཕྱིར་ལེན་ཐབས་ལ་འབད།
༧༡༽ དབུས་ཀྱི་རྒྱལ་ཕྲན་ན་གྲི་གུམ་བཙན་པོའི་གཉེན་ཚན་དུ་གྱུར་པ་བཀྲགས་ཀྱི་སྨོན་བཟང་རུ་ལས་སྐྱེས་ཞེས་དཔའ་མཛངས་ཆེ་བ་ཞིག་ཡོད་པའི་བཀོད་ཇུས་འོག་སྲས་གསུམ་གྱིས་ལོ་བཅུ་གསུམ་རིང་ལོ་ངམ་ལ་དམག་རྒྱག་གྲ་སྒྲིག་འཐུས་ཚང་བྱས།
༧༢༽ རུ་ལས་སྐྱེས་ཀྱི་དམག་ཇུས་ལྟར། སྲས་བྱ་ཁྲིས་སྐུ་མཆེད་གཉིས་ཀྱི་དམག་རོགས་དང་བཅས་ཕྱི་ནས་གློ་བུར་རྟ་དམག་འདྲེན་བཅུག་ཅིང༌། རང་གིས་དཔའ་རྒོད་ཁག་ཅིག་ཁྲིད་དེ་གཙང་གི་མིར་བརྫུས་ཏེ་ལོ་ངམ་གྱི་ཕོ་བྲང་ནང་དུ་འཛུལ།
༧༣༽ རུ་ལས་སྐྱེས་ཀྱིས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པ་ལྟར་ལོ་ངམ་གྱི་གཟིམ་ཁྱི་ཞིག་ཡོད་པར་ཤ་ཡིས་བསླུས་ཏེ། ཁྱིའི་མགོ་ལ་དུག་བྱུགས་ནས་ལོ་ངམ་སར་བཏང༌།
༧༤༽ ལོ་ངམ་གྱིས་ནམ་རྒྱུན་ལྟར་གཟིམ་ཁྱིའི་མགོ་ལ་བྱུག་བྱུག་བྱས་པས། དུག་ཕོག་ནས་ན་ཟུག་དྲག་པོ་བྱུང༌། དེར་ནང་མི་དང་བློན་དམག་མང་པོ་འདུས་ཏེ་ཕོ་བྲང་ནང་ཟང་ཟིང་དུ་གྱུར།